魔鏡歌詞網
魔鏡歌詞網 > 女生歌手 > 澤旺拉姆 > 我的小世界 > 世界的寶貝

澤旺拉姆



歌詞
專輯列表

澤旺拉姆

世界的寶貝

作詞:娘玉珠
作曲:民間

ལུང་དང་རྟོགས་པའི་བང་མཛོད།
བྱམས་དང་སྙིང་རྫེའི་བདག་ཉིད།
དོན་གྱི་བྱང་ཆུབ་སེམས་དཔའ།
ཡེ་་་་་་སྐྱབས་མགོན་ཉི་མ་གཞོན་ནུ།
བརྩེ་བ་གངས་དཀར་ཏེ་སེ།
དུང་བ་མ་ཕམ་གཡུ་མཚོ།
བྱམས་ལྡན་དྲིན་ཅན་ཕ་མ།
ཡེ་་་་་་དགུང་གི་ཉི་མ་ཟླ་བ།
ཨོ་ཧོ་་་་་།
ཡེ་་་་་་དགུང་གི་ཉི་མ་ཟླ་བ།
མི་རིགས་ཤིག་གི་བླ་སྲོག།
ཤེས་རིག་གླིང་གི་ནོར་བུ།
ཤེས་ཡོན་དགེ་རྒན་དམ་པ།
ཡེ་་་་་་མུན་པ་སེལ་བའི་སྒྲོན་མེ།
ལུས་ཀྱི་བྲོ་གར་མཛེས་ཤིང་།
更多更詳盡歌詞 在 ※ Mojim.com 魔鏡歌詞網
ངག་གི་འགྱུར་ཁུགས་སྙན་མོ།
ཡིད་ཀྱི་ཀུན་སློང་གཙང་མ།
ཡེ་་་་་་ཧི་མ་ལ་ཡའི་སྲས་མོ།
ཨོ་ཧོ་་་་་།
ཡེ་་་་་་ཧི་མ་ལ་ཡའི་སྲས་མོ།
ཕྱི་ཡི་འཁོར་ཡུག་དྭངས་གཙང་།
ནང་གི་མི་གཤིས་ཡང་རྩེ།
སྦྲ་ནག་གངས་རིའི་ལུང་བ།
ཡེ་་་་་་འཛམ་གླིང་གཙུག་གི་ནོར་བུ།
ཕྱི་ཡི་འཁོར་ཡུག་དྭངས་གཙང་།
ནང་གི་མི་གཤིས་ཡང་རྩེ།
སྦྲ་ནག་གངས་རིའི་ལུང་བ།
ཡེ་་་་་་འཛམ་གླིང་གཙུག་གི་ནོར་བུ།
ཨོ་ཧོ་་་་་།
ཡེ་་་་་་འཛམ་གླིང་གཙུག་གི་ནོར་བུ།