魔鏡歌詞網
魔鏡歌詞網 > 女生歌手 > 澤旺拉姆 > 我的小世界 > 木馬年出生時

澤旺拉姆



歌詞
專輯列表

澤旺拉姆

木馬年出生時

作詞:嶺·旺培
作曲:理塘降央

མཐོ་རྒྱ་ཕིབས་གསེར་གྱི་ཀ་བ་ཅན།
བན་སེར་མོའི་འཆད་རྩོད་འུ་རུ་རུ།
གསལ་ལམ་ལམ་གཟི་བྱིན་ཁྱད་འཕགས་དེ།
རྗེ་བྱམས་མགོན་རྡོ་རྗེ་འཆང་ཆེན་བཞུགས།
རིགས་གཅིག་པའི་སྤུན་ཟླ་མིང་སྲིང་ཚོ།
སེམས་དད་པའི་འདབ་བརྒྱ་གྲོལ་བཞིན་དུ།
བཀྲ་ཤིས་པའི་འཁྲུངས་སྐར་བསུ་རུ་འགྲོ།
བཀྲ་ཤིས་པའི་འཁྲུངས་སྐར་བསུ་རུ་འགྲོ།
བཀྲ་ཤིས་པའི་འཁྲུངས་སྐར་བསུ་རུ་འགྲོ།
ཤར་མཚམས་སྤྲིན་འོད་ཀྱི་གང་བུ་ནང་།
མདངས་དམར་སེར་ངུར་སྨྲིག་ན་བཟའ་བཞེས།
མ་འགྲོ་བའི་ཆེད་ལ་གཟིགས་སེ་གཟིགས།
རྗེ་བྱམས་མགོན་རྡོ་རྗེ་འཆང་ཆེན་བཞུགས།
ནང་མཛའ་བརྩེ་ཟབ་པའི་ཕུ་ནུ་ཚོ།
更多更詳盡歌詞 在 ※ Mojim.com 魔鏡歌詞網
ཡིད་བསམ་པའི་དགའ་དུང་ལྷང་སེ་ལྷང་།
ལམ་ཡག་པའི་འཁྲུངས་སྐར་བསུ་རུ་འགྲོ།
ལམ་ཡག་པའི་འཁྲུངས་སྐར་བསུ་རུ་འགྲོ།
ལམ་ཡག་པའི་འཁྲུངས་སྐར་བསུ་རུ་འགྲོ།
དགོང་མཐོན་མཐིང་སྔོན་མོའི་དབྱིངས་རུམ་ནས།
འོད་འཆར་བའི་ཉི་ཟླའི་འབུམ་ཕྲག་དྲངས།
མ་སྐྱེ་དགུ་བདེ་ལྡན་འདྲེན་མཛད་མཁན།
རྗེ་བྱམས་མགོན་རྡོ་རྗེ་འཆང་ཆེན་བཞུགས།
བློ་འགྱུར་མེད་བརྟན་པའི་གདོང་དམར་བོད།
ལོ་ལེགས་པའི་ཤིང་རྟའི་གོམ་འགྲོས་ནང་།
དོན་འགྲུབ་པའི་འཁྲུངས་སྐར་བསུ་རུ་འགྲོ།
དོན་འགྲུབ་པའི་འཁྲུངས་སྐར་བསུ་རུ་འགྲོ།
དོན་འགྲུབ་པའི་འཁྲུངས་སྐར་བསུ་རུ་འགྲོ།
དོན་འགྲུབ་པའི་འཁྲུངས་སྐར་བསུ་རུ་འགྲོ།