- 歌詞
- アルバムリスト
澤旺拉姆
-
老師
作詞:西德尼瑪 作曲:羅塞
མུན་པ་ཞིག་རིག་པས་གསལ་མཁན། བདེན་དོན་ཞིག་སེམས་ལ་འབྲི་མཁན། དུས་གསུམ་གྱི་སྒོ་མོ་འབྱེད་མཁན། མི་ཚེ་ཡི་རིན་ཐང་སྩོལ་མཁན། ཨོ་ཡེ་་་་་་། རིག་པའི་གཤོག་རྩལ་གནང་མཁན་ཁྱེད་རང་ཡིན། སྤོབས་པའི་ལ་རྒྱ་སྩོལ་མཁན་ཁྱེད་རང་ཡིན། དྲིན་ལན་མཚོ་ལྟར་ཟབ་པའི་དགེ་རྒན་ཡིན། ཧ་ཨ་་་་་་དགེ་རྒན་ལགས། དགེ་རྒན་ལགས། ཤེས་བྱའི་སྒྲོན་མེ་གངས་རི་ལ་སྤར་མཁན་ཁྱེད་ཡིན་ནོ། ངའི་སེམས་ཀྱི་སྐར་ཆེན་དེ་ཁྱེད་ཡིན། ཨོ། དྲིན་ཆེན་དགེ་རྒན། བརྩེ་བ་ཞིག་དྲོད་ཀྱིས་སྟེར་མཁན། འགན་ཁྲི་ཞིག་སྤོབས་པས་འདེགས་མཁན། もっと沢山の歌詞は ※ Mojim.com གཏན་ཚིགས་ཤིག་རུས་པས་སྐྱོང་མཁན། མི་རབས་ཤིག་རིག་པས་བཞེངས་མཁན། ཨོ་ཡེ་་་་་་། འོད་ཀྱི་ལམ་བུ་སྟོན་མཁན་ཁྱེད་རང་ཡིན། བདེན་པའི་རིག་ལམ་སྩོལ་མཁན་ཁྱེད་རང་ཡིན། དྲིན་དེ་རི་ལས་མཐོ་བའི་དགེ་རྒན་ཡིན། ཧ་ཨ་་་་་་དགེ་རྒན་ལགས། དགེ་རྒན་ལགས། རིག་པའི་སྐྱ་རེངས་གངས་རི་ལ་བསུ་མཁན་ཁྱེད་ཡིན་ནོ། ངའི་སེམས་ཀྱི་སྐར་ཆེན་དེ་ཁྱོད་ཡིན། ཨོ། དྲིན་ཆེན་དགེ་རྒན། ངའི་སེམས་ཀྱི་སྐར་ཆེན་དེ་ཁྱོད་ཡིན། ཨོ། དྲིན་ཆེན་དགེ་རྒན། ངའི་སེམས་ཀྱི་སྐར་ཆེན་དེ་ཁྱོད་ཡིན། ཨོ། དྲིན་ཆེན་དགེ་རྒན།
-
|